responsive web templates
Mobirise

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས།

ངའི་རེ་བ་དང་མངོན་འདོད་ནི། ཉིན་གཅིག་ཡོངས་ཁྱབ་ཤེས་ཡོན་གྱི་ལམ་སྲོལ་རང་གི་ནང་དུ་སེམས་སྦྱོང་གི་སློབ་གསོ་ཡང་ཚུད་པ་དེ་ཡིན། རྒྱུན་དུ་ང་ཚོས་སློབ་གྲྭའི་ཁོར་ཡུག་ནང་གཞི་རིམ་གྱི་བསླབ་གཞིའི་ཐད་སློབ་ཕྲུག་ཚོའི་ཐོས་རྒྱ་ཤེས་རྒྱ་ཆེ་རུ་གཏོང་དགོས་པ་ལོས་ཡིན་སྙམ་དུ་སེམས་པ་ཇི་བཞིན་དུ། ཉིན་ཞིག་བྱམས་པ་དང་། སྙིང་རྗེ། དྲང་བདེན། འཁོན་དྭངས་ལྟ་བུའི་ནང་གི་རིན་ཐང་སྐོར་གྱི་སློབ་གསོ་ཡང་ཉིན་རེའི་སློབ་ཚན་གྱི་ཆ་ཤས་སུ་གྱུར་ཏེ་སློབ་མ་ཚོས་དེའི་ཐད་རྟོགས་སད་ཐོབ་དགོས་པ་ལོས་ཡིན་སྙམ་དུ་སེམས་ཐུབ་པ་ཞིག་ཏུ་འགྱུར་རྒྱུར་ངས་རེ་བ་བྱེད་ཀྱི་ཡོད།

བཀའ་སློབ་བརྙན་འཕྲིན།
Mobirise

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག

Mobirise

མཁས་དབང་ཟམ་གདོང་རིན་པོ་ཆེ།

Mobirise

དགེ་བཤེས་ལྷག་རྡོར།

Mobirise

དགེ་བཤེས་ཐུབ་བསྟན་སྦྱིན་པ།

Mobirise

དགེ་བཤེས་བློ་བཟང་བསྟན་འཛིན།

Mobirise

དགེ་བཤེས་ཡེ་ཤེས་རྒྱལ་མཚན།

བསླབ་གཞི་རྩ་འཛིན་དང་དཔེ་དེབ་ཁག
Mobirise

བསླབ་གཞི་རྩ་འཛིན། (བོད་ཡིག)

Mobirise

བསླབ་གཞི་རྩ་འཛིན། (ཨིན་ཡིག)

Mobirise

གཞི་རིམ་འོག་མའི་བསླབ་གཞི།

Mobirise

གཞི་རིམ་བར་མའི་བསླབ་གཞི།

Mobirise

བཀའ་སློབ་བཅར་འདྲི།

Mobirise

ཚང་མར་འཚམས་པའི་བསླབ་བྱ།

བསླབ་གཞི་རྩ་འཛིན་གྱི་སྒྲོམ་གཞི། ཁྱབ་ཁོངས་དང་ཁྱད་ཆོས་རིམ་པ་དགུ།
Mobirise

Nine components of the domains and dimensions in the SEE learning Framework of Center for Contemplative Science and Compassion- Based Ethics, Emory University

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལ་སྐུལ་བའི་དཔེ་མཚོན་བཅུ།

ཨེ་མོ་རི་གཙུག་ལག་སློབ་ཁང་གི་བསླབ་གཞི་རྩ་འཛིན་རགས་ཟིན་ལ་གཞི་བཅོལ་ཡོད།

ཇི་ལྟར་ཉི་མ་མེ་ཏོག་རང་ལ་ཕན་པའམ་གསོ་སྐྱོང་བྱེད་པའི་ཉི་མ་ལ་རང་བཞིན་གྱིས་ཁ་ཕྱོགས་པ་བཞིན་མི་ཡང་ཕན་སེམས་ཕྱོགས་སུ་རང་བཞིན་གྱི་ཡིད་འཕྲོག་པར་བྱེད།

Mobirise

ཚན་རིག་པས་དངོས་པོ་མིག་གི་མི་མཐོང་བ་རྣམས་ཕྲ་མཐོང་ཆེ་ཤེལ་བརྒྱུད་ནས་མཐོང་བ་བཞིན་ང་ཚོའི་ནང་སེམས་ཀྱི་གཡོ་འགུལ་དང་ཚོར་བ་རྣམས་སེམས་བརྟན་པོ་དང་གཙང་མའི་བརྒྱུད་ནས་མཐོང་ཐུབ།

Mobirise

ཤེལ་བུམ་ནང་གི་ཆུ་དེ་སེམས་ལྟ་བུ་ཡིན། གཞན་ཆུའི་ནང་འདམ་ལ་སོགས་པ་དངོས་པ་གཞན་དག་ང་ཚོའི་སེམས་ཀྱི་བསམ་བློ་དང་ཚོར་བ་འདྲ་མིན་རྣམས་ཡིན། ཤེལ་བུམ་དེ་དཀྲུགས་ན་འདམ་ལ་སོགས་པ་ཆུ་དང་འདྲེས་ནས་ཆུ་རྙོག་མར་སྣང། ཡིན་ནའང་ཤེལ་བུམ་མ་དཀྲུགས་ན་འདམ་ལ་སོགས་པ་རང་འཇགས་གནས་ནས་ཆུ་དེ་མི་གཡོ་བར་གཙང་མར་གནས།

Mobirise

དམག་འཐབ་སྐབས་གོ་ཆའི་དམག་མིར་གཞན་གྱི་གནོད་པ་ལས་སྐྱོབ་པ་བཞིན་དུ་དཀའ་ངལ་དང་ལེན་དང་སྙིང་སྟོབས་ལྡན་ན་རྐྱེན་ངན་ལས་སྐྱོབ་པ་དང་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཐུབ་པའི་ནུས་པ་སྟེར།

Mobirise

ཚེར་མ་ཅན་དངོས་པོ་རྣམས་ལག་པས་ཇི་ཙམ་དམ་པོར་བཟུང་བ་དེ་ཙམ་གྱིས་རང་ཉིད་ལ་ཟུག་གཟེར་ཡོང་། དེ་ལྟ་བུའི་ཟུག་གཟེར་མི་ཡོང་བའི་ཆེད་ཚེར་མ་ཅན་གྱི་དངོས་པོ་འདོར་དགོས། དེ་བཞིན་དུ་ཁོང་ཁྲོ་དང་འཁོན་འཛིན་ཇི་ཙམ་བཟུང་བ་དེ་ཙམ་གྱིས་རང་ལ་གནོད་པར་བྱེད། དེ་ལས་ཁོང་ཁྲོ་ལ་སོགས་ཞི་བར་བྱེད་པ་ནི་བྱེད་ཐབས་བཟང་བ་ཡིན།

Mobirise

སྣོད་ཞབས་མ་རྡོལ་བ་ལ་ཆུ་མགྱོགས་མྱུར་ངང་ཁེངས་ནས་ལུད་པ་བཞིན་དུ་རང་ཉིད་ཀྱིས་རྒྱུན་གཏན་ཆོག་ཤེས་བྱས་ན་གཞན་དང་མཉམ་དུ་ལོངས་སུ་སྤྱོད་པ་དེ་རང་བཞིན་གྱིས་འོང་།

Mobirise

ཉི་མའི་འོད་ཕྱོགས་ཐམས་ཅད་དུ་གཅིག་མཚུངས་སུ་ཁྱབ་པ་བཞིན་དུ་ང་ཚོའི་གཞན་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་གཞི་རྩའི་ཐོབ་ཐང་གཅིག་མཚུངས་ཡིན་པར་ངོས་བཟུང་ནས་དེ་ལ་གུས་བརྩི་དང་ཕྱོགས་རིས་མེད་པར་བྱེད་དགོས།

Mobirise

སྣོད་བཅུད་ཀྱི་འཇིག་རྟེན་འདིར་རྫས་རེ་རེ་རྒྱུ་རྐྱེན་མཐའ་ཡས་པ་ལ་རྟེན་ཅིང་འབྲེལ་བར་གནས་པ་བཞིན་དུ་སེམས་ཅན་རེ་རེ་མཐའ་ཡས་པའི་སེམས་ཅན་གཞན་ལ་བརྟེན་ནས་གནས་ཡོད། འདི་ལྟར་ཤེས་ན་གཞན་རྣམས་རང་ལ་བཀའ་དྲིན་ཆེ་བ་ཡིན་པ་བསམ་ཤེས་བྱ་ཐུབ།

Mobirise

ཨིན་ཇིའི་གཏམ་དཔེ་ལ། གཞན་གྱི་ལྷམ་གོག་གིས་རྐང་པར་གནོད་ཀྱི་ཡོད་མེད་ཤེས་འདོད་ན་དེའི་ལྷམ་གྱོན་ནས་ལེ་དབར་གཅིག་ཙམ་འགྲོ་དགོས་ཞེས་པ་ལྟར། གཞན་གྱི་སྡུག་བསྔལ་ཚོར་ཤེས་ཐུབ་པའི་ནུས་པ་ཇེ་ཆེར་ཕྱིན་ན་གཞན་དཀའ་ངལ་ནང་ཡོད་པ་མཐོང་ཚེ་དེ་ལ་རོགས་རམ་བྱེད་པར་སྤྲོ་བ་སྐྱེ་ངེས།

Mobirise

སྒྲོན་མེའི་འོད་ཤུགས་ཆེན་པོ་ཇི་ཙམ་ཡོད་པ་དེ་ཙམ་གྱིས་ཉེ་འཁོར་གྱི་དངོས་པོ་རྣམས་གསལ་པོ་མཐོང་ཐུབ། དེ་བཞིན་དུ་མིའི་རྣམ་དཔྱོད་ཇི་ཙམ་ཆེ་ན། དེ་ཙམ་གྱིས་དངོས་པོའི་གནས་ལུགས་རྣམས་རྟོགས་ཐུབ།

FUNDED BY: Fonds De Donation Mon Kontan Ou, France