website templates free download

Table

དྲན་ཤེས།
Ethical Mindfulness

ཚན་རིག་པས་དངོས་པོ་མིག་གིས་དངོས་སུ་མཐོང་མི་ཐུབ་པ་རྣམས་ཕྲ་མཐོང་ཆེ་ཤེལ་བརྒྱུད་ནས་མཐོང་བ་བཞིན་
ང་ཚོའི་ནང་སེམས་ཀྱི་གཡོ་འགུལ་དང་མྱོང་བ་རྣམས་སེམས་བརྟན་པོ་དང་གཙང་མ་ཞིག་གིས་མཐོང་བར་བྱེད།

Just as a microscope allows a scientist to see properties that are not visible to the naked eye,
so does a stable and refned attention enable us to more clearly see our inner impulses and experiences.

༢། དྲན་ཤེས།

སྒྲུང་།

དྲན་ཤེས་མེད་པའི་བུ།

ཨ་མ་ཞིག་ལ་བུ་གླེན་པ་ཞིག་ཡོད་པས། སེམས་ཁྲལ་གྱིས་རང་གི་བུ་དེ་ཅུང་ཟད་སྤྱང་དུ་འགྲོ་ཆེད། གྲོང་པའི་བུ་སྐད་ཆ་ཤོད་མཁས་པོ་སྤྱང་གྲུང་ལྡན་པ་ཞིག་ཡོད་པ་དེའི་ལྷན་དུ་ཁྱིམ་མཚེས་ཀྱི་བ་ཕྱུགས་ཤི་བར་སེམས་གསོ་བྱེད་དུ་བཏང་། བུ་སྤྱང་པོ་དེས། བ་ཕྱུགས་ཤི་བར་ནང་མི་ཚང་མ་སེམས་ཁྲལ་གནང་མི་དགོས། ཤ་དང་པགས་པ་སོགས་ལ་ལྟ་བཟོ་མེད་པ་མིན། ཞེས་ལབ་པ་དེ་དག་བུ་གླེན་པའི་སེམས་ནང་ངེས་པོ་བྱུང་། ཡང་ཉིན་ཤས་རྗེས། གྲོང་པ་གཞན་ཞིག་གི་ཕ་རྒན་གྲོངས་པས་ཁོ་པ་དེར་སེམས་གསོ་བྱེད་དུ་བཏང་བར་བུ་གླེན་པས། ཕ་གྲོངས་ཀྱང་ནང་མི་ཚང་མ་སེམས་ཁྲལ་བྱེད་མི་དགོས། ཤ་དང་པགས་པར་ལྟ་བཟོ་ཡོད་པ་རེད་ལབ་གྲབས་བྱེད་སྐབས། བུ་སྤྱང་པོ་དེ་དེར་འབྱོར་ཏེ། པཱ་ལགས་དམ་པ་དེ་ང་ཚོ་ཚང་མའི་པཱ་ལགས་རེད། འདི་འདྲ་སེམས་ཁྲལ་གནང་མི་དགོས། ཞེས་ལབ་པས་བུ་གླེན་པའི་སེམས་ནང་མི་ཤི་ན་དེ་ལྟར་ལབ་དགོས་པ་འདྲ་དྲན་པ་རེད། དེ་ནས་ཟླ་ཤས་རྗེས་ཁོ་རང་གི་གཅེན་པོའི་བཟའ་ཟླ་གྲོངས་པས་བུ་གླེན་པ་གཅེན་པོའི་མདུན་ཡོང་སྟེ། གཅེན་པོ་ལགས། སེམས་ཁྲལ་མ་གནང་དང་། བཟའ་ཟླ་གྲོངས་མཁན་དེ་ང་ཚོ་ཚང་མའི་བཟའ་ཟླ་རེད་པ། ཞེས་བཤད་དགོས་དྲན་ཡང་། གྲོང་པའི་བུ་ཡིས་གནས་སྟངས་མ་འདྲ་བ་བལྟས་ནས་སྐད་ཆ་མ་འདྲ་བ་བཤད་ཀྱིན་འདུག་བསམ་ནས། གཅེན་པོ་ལ་སེམས་ཁྲལ་བྱས་ནས་ཡོང་རྒྱུ་མེད་པར། ཤི་བོའི་རྗེས་འཇུག་དགེ་བ་ལ་འབད་དགོས་པའི་སེམས་གསོ་བྱས་པ་རེད།

གོ་དོན།

  • རང་ཉིད་ཀྱིས་ཉམས་སུ་བླང་བྱའི་དགེ་མཚན་དང་དོར་བྱའི་སྐྱོན་མ་བརྗེད་པར་རྒྱུན་དུ་དྲན་པའི་བློ་ཞིག་དང་། ཡང་ན།
  • རང་ཉིད་ཀྱིས་སྒོ་གསུམ་གྱི་ཀུན་སྤྱོད་ཚུལ་དང་མཐུན་པ་བྱས་པའི་འབྲས་བུའི་ཡོན་ཏན་སེམས་ལ་ཡང་ཡང་འཁོར་ནས་མི་བརྗེད་པ་བྱེད་པའི་སེམས་བྱུང་ཞིག་ལ་གོ་དགོས་པ་ཡིན།
  • རང་གི་སེམས་དེ་བླང་དོར་གྱི་གནས་ལ་མ་གཡེང་བར་དྲན་པས་ཟིན་ཡོད་མེད་བྱ་ར་བྱེད་མཁན་གྱི་སེམས་བྱུང་ལ་ཤེས་བཞིན་ཟེར།

དཔེ་མཚོན།

ཤེས་བཞིན་གྱི་བྱ་ར་བྱེད་པ་ནི། རྐུན་མ་རྩད་གཅོད་མཁན་གྱི་གསང་མྱུལ་བས་རྐུན་མ་ངོས་ཟིན་ནས་ཉེན་རྟོག་པར་རྩིས་སྤྲོད་པ་དང་མཚུངས། དྲན་པས་སེམས་གཡེང་བ་དེ་སླར་དམིགས་པ་ལ་གཏོད་པ་ནི། ཉེན་རྟོག་པས་རྐུན་མ་བཟུང་བ་བཞིན་ནོ། །

༧གོང་ས་མཆོག་གིས།

ང་ཚོས་ཉིན་ལྟར་རང་གིས་རང་ལ་བརྟག་པ་དང་། དྲན་ཤེས་ཀྱིས་ཟིན་པའི་ཐོག་ནས་དུས་འདའ་ཐུབ་པ་ཞིག་བྱུང་ན། སོ་སོའི་ཀུན་སློང་དང་སྤྱོད་ལམ་ལ་ཞུས་དག་གཏོང་ཐུབ་པ་ཡོང་རྒྱུ།

བསམ་བློའི་སྦྱོང་བརྡར།

རང་གི་བྱ་བ་གང་བྱེད་ཚང་མ་དྲན་ཤེས་ཀྱིས་ཟིན་པ་བྱ་རྒྱུ་ནི་གལ་གནད་ཆེ་ཤོས་ཡིན། མདོར་ན། རང་གི་སེམས་ཀྱི་ཚོར་བ་དང་འདུ་ཤེས་ཀུན་སློང་སོགས་ལ་རྟོག་ཞིབ་བྱས་ཏེ། བསམ་བློ་ངན་པའི་ཕྱོགས་སུ་སོང་བའམ། འགྲོ་གྲབས་བྱེད་ཀྱི་འདུག་ན་ཤེས་བཞིན་གྱིས་ངོས་ཟིན་པར་བྱས་ནས་དྲན་པས་སེམས་བཟང་པོའི་ཕྱོགས་སུ་གཏོད་པ་ལ་སྦྱོང་བརྡར་བྱེད་དགོས།

ཉིན་རེའི་ལག་ལེན།

ཉིན་རེ་བཞིན་སྤྱོད་ལམ་ཀུན་ཏུ་རང་སེམས་ལ་རྟོག་ཞིབ་བྱས་ཏེ་བྱ་བ་ལ་འཇུག་པའོ། །ནོར་འཁྲུལ་ཕལ་ཆེ་བ་དྲན་པ་དང་ཤེས་བཞིན་མེད་པ་ལས་བྱུང་བ་ཡིན་པས་དྲན་ཤེས་ཀྱིས་འདོད་ཆགས་དང་། ཞེ་སྡང་གཉིས་ཉུང་དུ་བཏང་ནས་སྒོ་གསུམ་གྱི་སྤྱོད་པ་ཚུལ་དང་མཐུན་པ་ལ་བསླབ་དགོས།

བྱེད་སྒོ།

    བྱེད་སྒོ་དང་པོ།
  1. མ་བལྟས་པར་མཐའ་རིས་འབྲི་བ། (རི་མོ་འབྲི་དཔེ་ལ་མིག་བལྟས་ཏེ། འབྲི་ཡུལ་གྱི་ཤོག་བུའི་སྟེང་མིག་མ་བལྟས་པར་འབྲི་དཔེ་དེ་ཡི་དབྱིབས་རིས་འབྲི་དགོས་པ་ཡིན།)
    བྱེད་སྒོ་གཉིས་པ།
  1. སློབ་ཕྲུག་རྣམས་གཉིས་རེ་ཆ་བསྒྲིགས་ཏེ། བདུན་ཕྲག་གཅིག་གི་སྔོན་ལ་བྱ་བ་བཟང་པོ་གང་ཞིག་བྱས་ཡོད་པ་ཐོ་འགོད་བྱས་ཏེ་ཕན་ཚུན་བཤད་རེས་བྱེད་དགོས།
  2. དེ་རྗེས་སོ་སོའི་རོགས་པས་གང་བཤད་པ་དེ་ཕན་ཚུན་བསྐྱར་ཟློས་བྱེད་དུ་འཇུག་དགོས།
  3. རོགས་པ་ཕན་ཚུན་སུ་དང་སུ་ཡི་དྲན་ཤེས་བརྟན་མིན་བརྟག་ཞིབ་བྱེད་དགོས།

Back To Top


Showing entries (filtered from total entries)