website templates free download

Table

བློ་གྲོས།Awareness

བློ་གྲོས་ཞེས་པ་ནི་བསམ་བློ་དང་། ཚོར་བ། སེམས་མྱོང་བཅས་ཞིབ་ཆ་ཕྲ་མོ་དང་བཅས་ཏེ་རྟོགས་པའི་གང་ཟག་དང་པོའི་ཤེས་རྟོགས་སྦྱང་རྟོགས་ལས་བྱུང་བ་ཞིག་ལ་ཟེར། དེའི་ནང་དོ་བདག་སོ་སོའི་ནང་གི་འཇིོག་རྟེན་དང་། གཞན་དང་གཞན་གྱི་དགོས་མཁོ་ཐེ་བའི་ཕྱི་ནང་གི་ཆོས་ལ་ཞིབ་ཅིང་ཕྲ་བ་རྟོགས་པའི་ནུས་པ་དང་། གཅིག་ལ་གཅིག་བརྟེན་པའི་འབྲེལ་བ་ནི་རང་གི་མི་ཚེ་དང་རང་ཉིད་གང་དུ་གནས་སའི་མ་ལག་གི་ཁྱད་ཆོས་ཤིག་ཏུ་རྟོགས་པའི་ནུས་པ་བཅས་གཏོགས་ཡོད། དེ་ལྟའི་བློ་གྲོས་སྐྱེད་པར་བྱེད་པ་ལ་ཉམས་ལེན་དང་ཡིད་བྱེད་བརྟན་དུ་གཏོང་དགོས་ཤིང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོའི་ཡིད་ཆེད་དེ་རྩལ་གཞན་གང་འདྲ་ཞིག་དང་ཡང་འདྲ་བར་རྒྱུད་ལ་ཡར་སྐྱེད་ཐུབ་པའི་རྩལ་ཞིག་ཏུ་ངོས་འཛིན་བྱེད་དེ་འཇུག་གི་ཡོད། རང་ཉིད་ཀྱི་སེམས་ཀྱི་གནས་བབ་དང་། གཞན་གྱི་གནས་སྟངས། ཁྱབ་ཆེ་བའི་མ་ལག་བཅས་ལ་ཡིད་བྱེད་གཏོད་ཐབས་སྦྱང་བ་ལས་ཇི་ལྟར་གྷོལ་མན་གྱིས་གསུངས་པ་ལྟར། ཕྱི། ནང་། གཞན་གསུམ་གྱི་དམིགས་གཏད་ཡར་རྒྱས་གཏོང་ཐུབ།

Awareness refers to cultivating a nuanced, first-person understanding of thoughts, feelings, and emotions. It pertains to the ability to perceive inner and outer phenomena in an increasingly sophisticated way, including one’s own inner life, the presence and needs of others, and interdependence as a feature of one’s own life and of the systems within which one exists. Cultivating this type of awareness requires practice and the refinement of attention, and SEE Learning approaches attention as a skill that can be cultivated just like any other. By learning to attend to one’s own inner states, to the presence of others, and to wider systems, one is able to develop what Dr. Goleman calls “inner, other and outer focus.”
Back to Top

སྙིང་རྗེ།Compassion

སྙིང་རྗེ་ཞེས་པ་རང་གིས་རང་དང་གཞན་དང་འགྲོ་བ་མི་སྤྱི་ལ་བྱམས་བརྩེ་དང་། མཉམ་མྱོང་། བདེ་སྡུག་གཉིས་ཀར་དམིགས་པའི་སེམས་འཁུར་བཅས་ཀྱི་སྒོ་ནས་སྦྲེལ་ཐབས་སྦྱོང་བ་ཞིག་ལ་གོ་དགོས། སཱི་ སློབ་གསོའི་ནང་རིན་ཐང་ཅན་དུ་བརྩི་བའི་ཡོན་ཏན་རྣམས་བཀའ་ཁྱབ་གཏོང་བ་ལྟ་བུར་གཞི་བཅོལ་བ་མིན་པར་དོ་བདག་སོ་སོའི་བློ་ སྐྱེད་དང་གོ་རྟོགས་ལ་གཞི་བཅོལ་བ་ཡིན་པས་སློབ་མ་རྣམས་ལ་སྙིང་རྗེའི་ཀུན་སྤྱོད་བསྟེན་དགོས་པར་གདམས་པ་ཙམ་གྱིས་སྙིང་ རྗེ་དང་བྱམས་བརྩེ་གོང་སྤེལ་གཏོང་མི་ཐུབ། སྙིང་རྗེའི་རྩལ་ཁོངས་འདི་ལ་དཔྱད་ཞིབ་ཀྱི་བསམ་བློ་ཧ་ཅང་གནད་འགག་ཆགས་ཀྱི་ ཡོད། དེ་ཡང་དཔྱད་ཞིབ་ཀྱི་རིགས་གང་བྱུང་བྱུང་ཞིག་མིན་པར་དོ་བདག་གི་དགོས་མཁོ་དང་། འདོད་པ། རང་དང་གཞན་གྱི་རིན་ ཐང་རྣམས་ལ་ངེས་པ་བསྟེར་བའི་རྟོག་དཔྱོད་རིགས་ངེས་ཅན་ཞིག་ཡིན། འདིའི་ཁོངས་སུ་རང་དང་གཞན་གྱི་ཕུགས་རྒྱང་རིང་པོའི་ བདེ་ཐབས་དེ་གང་གིས་འདྲེན་རྒྱུ་ཡིན་པ་ངེས་པའི་རྣམ་དཔྱོད་དེ་ཚུད་ཡོད། བསམ་ཕྱོགས་འདི་རང་ཉིད་ལས་བརྒལ་ཏེ་རྒྱ་བསྐྱེད་པ་ན་དེའི་ནང་དུ་གཞན་གྱི་དགོས་མཁོ་མཐོང་བ་དང་ངེས་པའི་བློ་དང་། མཐར་ཁྱབ་ཆེ་ས་ནས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཀྱང་འོང་གི་ཡོད།

Compassion refers to cultivating a way of relating to oneself, others, and humanity as a whole through kindness, empathy, and a concern for their happiness and suffering. Since the values in SEE Learning are not based on injunctions, but rather on personal insight and understanding, the cultivation of compassion and kindness cannot happen through merely instructing students to behave in a compassionate way. Therefore crucial to the dimension of compassion is critical thinking. This, however, is not just any kind of critical thinking, but a specific type of critical thinking that seeks to understand the individual needs, wants, and values of oneself and others. This includes the ability to discern what will bring about one’s own and others' long-term well-being. When this is extended beyond the personal domain, it includes recognizing and discerning the needs of others, and ultimately coming to recognize common humanity on a larger scale.
Back to Top

སྦྱོར་བ་ལག་ལེན།Engagement

སྐྱེས་བུ་གང་ཞིག་ལ་དགོས་མཁོ་ཞིག་གམ་གོ་སྐབས་ཤིག་རིག་པའི་བློ་གྲོས་ཡོད་ཆོག་ཅིང་། སེམས་ཁུར་དང་གཅེས་སྐྱོང་གི་ཚོར་བའང་ཡོད་ཆོག་ཀྱང་། ད་དུང་དེས་ཐབས་མཁས་ཀྱི་སྒོ་ནས་བྱ་བ་ལ་ཞུགས་པ་དང་སྦྱོར་བ་ནུས་ལྡན་ལ་ཞུགས་མི་ཐུབ་པ་ཡོང་གི་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་སྦྱོར་བ་དེ་སཱི་སློབ་གསོའི་རྩལ་ཁོངས་གསུམ་པ་དེར་བཞག་ཡོད། སྦྱོར་བ་ཞེས་པ་བློ་གྲོས་དང་སྙིང་རྗེའི་རྩལ་ཁོངས་ལས་གང་ཐོབ་པ་དེ་ཉིད་ལག་ལེན་དུ་འགེལ་བའི་ཐབས་རྣམས་ལ་གོ་བ་རེད། རྩལ་ཁོངས་འདིའི་ནང་རང་གཞན་ ཚོགས་གསུམ་གྱི་བདེ་ཐབས་ལ་སྨན་པའི་འདུ་ཤེས་དང་། ཁམས་དང་། རིག་རྩལ་རྣམས་ལ་གོམས་འདྲིས་བསྟེན་ཞིང་།ཀུན་སྤྱོད་ལ་བྱང་པ་བསྟེན་པ་རེད། འདིའི་ཁོངས་སུ་སྒེར་གྱི་ཁྱབ་ཁོངས་སུ་བསྒྲུབ་པའི་རང་ཉིད་སྟངས་འཛིན་དང་། སྤྱི་པའི་ཁྱབ་ཁོངས་སུ་བསྒྲུབ་པའི་སྤྱི་ཚོགས་འགྲོགས་འདྲིས་ཀྱི་ཐབས་རྩལ་དང་གཞན་དང་འབྲེལ་བ་བྱ་རྒྱུའི་ནུས་པ་རྣམས་དང་། མ་ལག་གི་ཁྱབ་ཁོངས་སུ་རང་ཉིད་གོ་ལའི་ཆབ་འབངས་ཀྱི་ཚུལ་དུ་ཁྱབ་ཆེ་བའི་མ་ལག་རྣམས་རིག་པའི་སྒོ་ནས་དེའི་ཁྲོད་དུ་བག་ཡོད་དང་སྙིང་རྗེའི་བསམ་པ་དང་བཅས་ཏེ་སྦྱོར་བ་ལ་ཞུགས་པ་བཅས་ཚུད་ཡོད།

One may have awareness of a need or opportunity, and also a sense of care and concern, yet still lack the ability to take action skillfully and engage effectively. This is why engagement is the third dimension of SEE Learning. Engagement refers to the methods by which one puts into practice what one has gained from the awareness and compassion dimensions. This dimension refers to learning the behaviors and habituating the attitudes, dispositions and skills that are conducive to personal, social and communal well-being. This includes practices of self-regulation in the personal domain; social skills and the ability to relate to others in the social domain; and in the systems domain, engagement as a global citizen who is aware of larger systems and acts conscientiously and compassionately within them.
Back to Top

ཡིད་བྱེད་དང་རང་རྒྱུད་རང་ཤེས། Attention & Self-Awareness

  • ལུས་དང་ཚོར་བ་ལ་དམིགས་པ་གཏོད་པ། ལུས་ཀྱི་ཚོར་བ་རྣམས་ངེས་ཤིང་འབྲེལ་བརྗོད་བྱེད་པ་དང་། ད་རྣམས་སེམས་ངལ་དང་བདེ་ཐབས་ལ་ཇེ་ལྟར་འབྲེལ་ཚུལ་ཤེས་པ།
  • སེམས་མྱོང་ལ་དམིགས་པ་གཏོད་པ། རང་གི་རྒྱུད་ལ་སེམས་མྱོང་སྐྱེད་པ་ན་དེ་དག་ལ་ཡིད་གཏོད་ཅིང་། དེ་དག་གི་དབྱེ་བ་དང་དྲག་ཚད་ངོས་བཟུང་བ།
  • སེམས་ཀྱི་ས་ཁྲ། སོ་སོའི་ཉམས་མྱོང་དང་། ད་ཡོད་ཀྱི་སེམས་མྱོང་དཔེ་གཟུགས་ལ་སྦྱར་ཏེ་སེམས་མྱོང་རྣམས་སྡེ་ཚན་དུ་དབྱེ་ནུས་པ།
  • Attending to Our Body and Sensations – Notice and describe sensations in the body, and understand how they related to stress and well-being
  • Attending to Emotions and Feelings - Attend to and identify one’s emotions in type and intensity as they arise
  • Map of the Mind - Categorize emotions in relation to one's own emotion and existing emotion models.
Back to Top

རང་ལ་དམིགས་པའི་སྙིང་རྗེ།Self-Compassion

  • སྐབས་དོན་དང་འབྲེལ་ནས་སེམས་མྱོང་རྟོགས་པ། གཞི་རྩའི་དགོས་མཁོ་དང་། འདུ་ཤེས། བསམ་བློའི་འཁྱེར་སོ། གནས་སྟངས་བཅས་ཀྱི་སྐབས་འབྲེལ་སོ་སོ་ལ་གཞིགས་ཏེ་སེམས་མྱོང་འཆར་ཚུལ་ཤེས་པ།
  • རང་ཉིད་ཀྱི་སྐྱིད་སྡུག་དང་ལེན། སོ་སོ་རང་ཉིད་དང་སོ་སོའི་སེམས་མྱོང་གི་སྐབས་འབྲེལ་ཤེས་པའི་སྒོ་ནས་དེ་དག་དང་ལེན་དང་། རང་གི་རང་ལ་ཉམས་ཚོད་ལེན་རྒྱུ་ལྷོད་པར་བྱེད་པ།
  • Understanding Emotions in Context – Understand how emotions arise within the context of underlying needs, perceptions, attitudes, and situations.
  • Self-Acceptance – Accept oneself and one’s emotions by understanding their context, allowing for a relaxation of self-judgment
Back to Top

རང་ཉིད་སྟངས་འཛིན། Self-Regulation

  • ལུས་ཁམས་སྙོམས་པ། གནས་སྟངས་སྤྱི་དང་ལྷག་པར་དུ་སེམས་ངལ་གྱིས་ནོན་པའི་ཚེ་བདེ་ཐབས་གང་དྲག་ཅི་དྲག་ཡོང་བར་ལུས་པོ་དང་དབང་རྩ་མ་ལག་ལ་ཚོད་འཛིན་བྱེད་པ།
  • དམིགས་གཏད་ཚོད་འཛིན་དང་ཧོལ་འཇུག་ཚོད་འཛིན། རྣམ་གཡེང་མེད་པའི་སྒོ་ནས་འདོད་པའི་དངོས་པོའམ། ལས་དོན། མྱོང་བ་ཞིག་ལ་ཡིད་བྱེད་གཏོད་པ་དང་བསྲིང་བར་བྱེད་པ།
  • སེམས་མྱོང་ལ་ཁ་ལོ་སྒྱུར་བ། ཧོལ་འཇུག་དང་སེམས་མྱོང་ལ་བཟང་ཕྱོགས་ཀྱི་ཡ་ལན་སྤྲོད་པ་དང་། སོ་སོའི་ཕུགས་ཀྱི་བདེ་ཐབས་ཀྱི་མཐུན་རྐྱེན་དུ་གྱུར་བའི་སྤྱོད་ལམ་དང་བསམ་བློའི་འཁྱེར་གསོ་རྣམས་སྦྱོང་བ།
  • Balancing the Body - Regulate the body and nervous system to optimize well-being, especially when affected by stress.
  • Cognitive and Impulse Control - Direct and sustain attention on chosen objects, tasks, or experiences, avoiding distraction.
  • Navigating Emotions - Respond constructively to impulses and emotions and cultivate the behaviors and attitudes that facilitate one’s long-term well-being
Back to Top

ཕན་ཚུན་བསམ་ཤེས། Interpersonal Awareness

  • ཚོགས་སྤྱོད་ཀྱི་རང་གཤིས་ལ་དམིགས་པ་གཏོད་པ། ང་ཚོའི་ལྷན་སྐྱེས་ཀྱི་ཚོགས་སྤྱོད་རང་གཤིས་དེ་ངོས་བཟུང་བ་དང་། ང་ཚོའི་མི་ཚེའི་ནང་གང་ཟག་གཞན་ཡོད་པ་དང་ཁོང་ཚོས་བྱེད་འགན་སྒྲུབ་པ་ལ་དམིགས་གཏོད་བྱ་རྒྱུ།
  • གཞན་དང་ཐུན་མོང་དུ་གྱུར་པའི་གནས་ལུགས་བསམ་པ། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ། སེམས་མྱོང་དང་ལུས་པོའི་གནས་བབས་ཡོད་པ། ཐུན་མོང་གི་ཉམས་མྱོང་གཞན་ལྟ་བུ་གཞི་རྩའི་ཆ་ནས་གཞན་དང་ཐུན་མོང་དུ་ཡོད་པ་རྣམས་ལ་བརྩི་མཐོང་བྱེད་པ།
  • སྣ་ཚོགས་རང་བཞིན་དང་མི་འདྲ་བའི་ཁྱད་པར་ལ་བརྩི་མཐོང་བྱེད་པ། གཞན་དང་ཐུན་མོང་དུ་གྱུར་པའི་གནས་ལུགས་ཀྱི་ཁོངས་སུ་གང་ཟག་སྒེར་སོ་སོ་དང་རུ་ཁག་སོ་སོའི་སྣ་ཚོགས་རང་བཞིན་དང་། ཐུན་མིན་གྱི་རྣམ་པ། མི་འདྲ་བའི་ཁྱད་པར་རྣམས་ཡོད་པ་ལ་བརྩི་མཐོང་བྱས་ཏེ་ཁྱད་པར་དེ་རྣམས་དང་དེ་དག་གིས་ང་ཚོའི་མི་ཚེ་ཕྱུག་ཏུ་གཏོང་བ་བཅས་ལ་གུས་བརྩི་སྦྱོང་བ།
  • Attending to Our Social Reality – Recognize our inherently social nature and attend to the presence of others and the roles they play in our lives
  • Attending to Our Shared Reality with Others - Appreciate what we share with others on a fundamental level, such as wanting to attain happiness and avoid unnecessary hardships, having emotions and body states, and other common experiences.
  • Appreciating Diversity and Difference – Appreciate that part of our shared reality is the diversity, uniqueness and difference of individuals and groups, learning to respect those differences and the way they add to our collective life
Back to Top

གཞན་ལ་དམིགས་པའི་སྙིང་རྗེ། Compassion for others

  • སྐབས་དོན་ལ་གཞིགས་ཏེ་གཞན་གྱི་ཚོར་བ་དང་སེམས་མྱོང་ཤེས་པ། གནས་སྟངས་ལ་བསྟུན་ནས་གཞན་རྒྱུད་ཀྱི་ཚོར་བ་དང་ཁོ་ཚོའི་ཡ་ལན་ལ་བསམ་ཤེས་བྱེད་པ་དང་། རང་དང་འདྲ་བར་གཞན་གྱི་རྒྱུད་ལའང་དགོས་ མཁོས་བསྐྱེད་པའི་ཚོར་བ་སྣ་ཚོགས་ཡོད་པ་ཤེས་པ།
  • བྱམས་པ་དང་སྙིང་རྗེར་བརྩི་མཐོང་བྱས་ཏེ་རྒྱུད་ལ་སྐྱེད་པ། བྱམས་པ་དང་སྙིང་རྗེའི་ཕན་ཡོན་ལ་རིན་ཐང་དུ་བརྩིས་ནས་དེ་རྣམས་རང་གཤིས་ཀྱི་ཚུལ་དུ་སྦྱོང་བར་བྱེད་པ།
  • བཟང་པོའི་གོམས་གཤིས་གཞན་རྣམས་ལ་བརྩི་མཐོང་བྱས་ཏེ་རྒྱུད་ལ་སྐྱེད་པ། དགོངས་ཡངས་དང་། བཟོད་པ། ཆོག་ཤེས། གཏོང་སེམས། ཁེངས་སྐྱུང་ལྟ་བུའི་བཟང་པོའི་གཤིས་ཀ་དང་སྤྱི་སྨན་སེམས་མྱོང་གི་རིགས་ལ་རིན་ཐང་སྤྲད་དེ་གོང་སྤེལ་གཏོང་བ།
  • Understanding others’ feelings and emotions in context – Understand other’s feelings and reactions in relation to the situations in which they occur, and understand that, like oneself, others have feelings caused by needs
  • Appreciating and Cultivating Kindness and Compassion – Value the benefits of kindness and compassion and cultivate them as a disposition
  • Appreciating and Cultivating Other Ethical Dispositions – Value and cultivate ethical dispositions and prosocial emotions, such as forgiveness, patience, contentment, generosity, and humility
Back to Top

ཕན་ཚུན་འབྲེལ་བ་བྱེད་པའི་རྩལ། Relationship Skills

  • མཉམ་མྱོང་དང་བཅས་ཏེ་ཉན་པ། གཞན་དང་གཞན་གྱི་དགོས་མཁོ་མཐིལ་ཕྱིན་པ་རྟོགས་པའི་ཆེད་ཡིད་གཏད་དེ་ཉན་པ།
  • ཐབས་ལ་མཁས་པའི་འབྲེལ་ལམ། རང་གཞན་གཉིས་ཀའི་ནུས་སྟོབས་སྤེལ་བའི་སླད་དུ་སྙིང་རྗེའི་སྒོ་ནས་འབྲེལ་ལམ་བྱེད་པ།
  • གཞན་ལ་ཕན་གྲོགས་བྱེད་པ། གཞན་གྱི་དགོས་མཁོ་དང་རང་གི་འཇོན་ཐང་དང་འཚམ་པའི་རོགས་རམ་བྱེད་པ།
  • རྩོད་རྙོག་བཟང་སྐྱུར། རྩོད་རྙོག་ལ་བཟང་ཕྱོགས་ཀྱི་ཡ་ལན་དང༌། མཉམ་རུབ་དང་། འགྲིག་འཇགས། འབྲེལ་བ་བཟང་པོ་ཡོང་བར་མཐུན་སྦྱོར་བྱེད་པ།
  • Empathic Listening - Listen attentively with the purpose of fully understanding others and their needs.
  • Skillful Communication – Communicate compassionately in a way that empowers self and others
  • Helping Others – Offer help to others according to their needs and proportionate to one’s ability
  • Conflict Transformation - Respond constructively to conflict and facilitate collaboration, reconciliation and peaceful relations
Back to Top

རྟེན་འབྲེལ་ལ་བརྩི་མཐོང་བྱེད་པ། Appreciating interdependence

  • རྟེན་འབྲེལ་གྱི་མ་ལག་ཤེས་པ། ང་ཚོས་གཇིག་རྟེན་གྱི་རྟེན་འབྲེལ་གྱི་རང་བཞིན་དང་། མ་ལག་བསམ་གཞིག་གི་ཐབས་ལམ་རྟོགས་པ།
  • མ་ལག་ལ་གཞིགས་པའི་དོ་བདག་སོ་སོའི་གནས་བབས་ཤེས་པ། དོ་བདག་ཡོངས་རྫོགས་མ་ལག་གི་སྐབས་འཕྲལ་ཞིག་གི་ནང་གནས་ཡོད་པ་དང་ཁོ་ཚོའི་མ་ལག་ལ་དང་། མ་ལག་གིས་ཁོ་ཚོར་ཤུགས་རྐྱེན་སྤྲོད་ཚུལ་བཅས་ངོས་བཟུང་བ།
  • Understanding interdependent systems – Comprehend the interrelated nature of our world and the methods of systems thinking.
  • Individuals within a Systems Context – Recognize how all individuals exist within a systems context, and how they affect and affected by that context
Back to Top

འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས།། Recognizing Common Humanity

  • ཀུན་གྱི་གཞི་རྩའི་འདྲ་མཉམ་གྱི་གནས་བབས་ལ་བརྩི་མཐོད་བྱེད་པ། འགྲོ་བ་མིའི་གཞི་རྩའི་འདྲ་མཉམ་གྱི་རང་བཞིན་མཐོང་བའི་བློ་དང་གཅིག་གྱུར་དུ་འཛིན་པའི་འདུ་ཤེས་དེ་རང་གི་ཉེ་འཁོར་གྱི་ཚོགས་སྡེའི་མཚམས་ལས་བརྒལ་ཏེ་འཇིག་རྟེན་ཡོངས་ལ་རྒྱ་སྐྱེད་བྱེད་པ།
  • མ་ལག་གིས་བདེ་ཐབས་ལ་ཕན་གནོད་འདྲེན་ཚུལ་ཤེས་པ། བཟང་པོའི་རིན་ཐང་སྤེལ་བའམ། ཡང་ན་རྩོད་རྙོག་གི་རྩ་བར་གྱུར་པའི་ཡིད་ཆེས་དང་འདྲ་མཉམ་མིན་པའི་འདོད་ཚུལ་སྤེལ་བ་ལྟ་བུའི་སྒོ་ནས་མ་ལག་གིས་རིག་གཞུང་དང་སྤྱི་ཚོགས་ཀྱི་བཀོད་པའི་རིམ་པར་ང་ཚོའི་བདེ་ཐབས་ལ་ཕན་གནོད་འདྲེན་ཚུལ་ཤེས་པ།
  • Appreciating the Fundamental Equality of All – Extend the realization of fundamental equality and common humanity to those outside one’s immediate community and ultimately to the world.
  • Appreciating How Systems Affect Well-Being – Recognize how systems can promote or compromise well-being on cultural and structural levels, such as by promoting positive values or perpetuating problematic beliefs and inequities
Back to Top

ཚོགས་སྡེ་དང་གོ་ལ་སྤྱི་ལ་འཇུག་པ། Community and Global Engagement

  • ཚོགས་སྡེ་དང་འཛམ་གླིང་སྤྱི་ལ་བཟང་ཕྱོགས་ཀྱི་འགྱུར་བ་འདྲེན་པར་རང་ནུས་འདོན་པ། རང་གི་ནུས་པ་དང་རང་ལ་ཡོད་པའི་གོ་སྐབས་གཞི་ལ་བཞག་སྟེ་རང་ཉིད་དོ་བདག་གིས་སམ་མཉམ་རུབ་ཀྱི་སྒོ་ནས་བཟང་ཕྱོགས་ཀྱི་འགྱུར་བ་འདྲེན་པའི་ནུས་པ་སོ་སོར་ཡོད་པ་ཤེས་པ།
  • ཚོགས་སྡེ་དང་གོ་ལ་སྤྱིའི་དཀའ་རྙོག་སེལ་ཐབས་ལ་འཇུག་པཝ། སོ་སོའི་སྤྱི་ཚོགས་སམ་འཛམ་གླིང་སྤྱི་ལ་གནོད་པའི་གནད་དོན་ཁག་ལ་བློ་གྲོས་རྣོ་ཞིང་མཉམ་རུབ་རང་བཞིན་ཅན་གྱི་དཀའ་རྙོག་སེལ་ཐབས་ལ་བསམ་པ་དང་གཞོལ་བ།
  • Exploring One’s Potential for Effecting Positive Change in Community and World – Recognize one’s own capacity to individually or collaboratively effect positive change based on one’s abilities and opportunities.
  • Engaging in Communal and Global Solutions- Explore and reflect on creative and collaborative solutions to issues effecting one's community or the world.
Back to Top

Showing entries (filtered from total entries)